牧羊女

 

构思牧羊女

她宽硕油亮的皮袍

围住草原失忆的春天

 

挥鞭的厉声和唤叫羊群的哨音

震动了山谷,阳光跌落

 

羊群的主人

红围巾下闪动的明眸

深海珍宝奇异的光芒

 

寒风里冻僵的脸颊和小手

唤醒了我这颗远游的心

 

她是一棵树

伫立在莽原中心,似隐若现

风拂动了她的千穗辫

 

她有海螺般洁白的牙齿

她有黑夜一样深邃的眼睛

她有春天的肌肤

她有秋日的落寞与孤寂

她有夏天火热的笑声

她有冬日无助的遥望

 

羊群缓缓移动

她立在羊群中央

迎着朔风,唱响古谣

 

当她躺在草滩,面对蓝色天空

怀想的风拂过羊群

和着她吟唱的歌谣

 

ལུག་རྫི་བུ་མོ།

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

ལུག་རྫི་བུ་མོའ་ིཁོད་ཆེ་ལ་སྣུམ་འོད་འཕྲོ་བའི་སློག་པས།

དྲན་པ་ཉམས་པའི་རྩྭ་ཐང་གི་དཔྱིད་དཔལ་ལ་བཏུམས་པར་

བློས་བསླངས་བྱེད།

 

འུར་སྐད་དྲག་པོ་དང་ལུག་ཁྱུ་དེད་པའི་ཤུ་སྒྲས་

རི་ལུང་སྒུལ་ཞིང་ཉི་འོད་ཐོར་དུ་བཅུག

 

ལུག་ཁྱུའི་བདག་མོ།

སྐེ་དཀྱུས་དམར་པོའ་ིའོག་གི་

འགུལ་ཙམ་བྱེད་པའི་མིག་འབྲས་ལ་

རྒྱ་མཚོ་གཏིང་གི་རིན་ཆེན་ནོར་བུའི་འོད་ཟེར་རྫོགས།

 

ཙག་རླུང་ཁྲོད་ཕྱིད་པའི་ངོ་གདོང་དང་ལག་པས་

ང་ས་མཐར་འཁྱམ་པའི་སེམས་པ་འགུག་པར་བྱེད།

 

མོ་ནི་སྡོང་བོ་ཤིག་སྟེ།

རྩྭ་རྫོངས་ནང་ན་ཀྲོང་ངེར་འགྱིང་ལ།

རེ་གསལ་རེ་མོག་ཏུ་སྣང་།

རླུང་བུས་ཁོ་མོའ་ིསྐྲ་སྣེ་འཕྱོར་ཙམ་འཕྱོར་ཙམ་བྱེད།

 

མོ་ལ་དུང་ལྟར་དཀར་བའི་ཚེམས་ཕྲེང་ཡོད་ལ།

མོ་ལ་མུན་ནག་ལྟར་གཏིང་ཟབ་ཀྱི་མིག་འབྲས་ཡོད།

མོ་ལ་དཔྱིད་དཔལ་ལྟ་བུའི་ནེམ་ཤ་ཡོད་ལ།

མོ་ལ་སྟོན་ཁའི་ཉམས་ཆག་དང་ཁེར་ཧྲེང་ཡོད།

མོ་ལ་དབྱར་ཁའི་ཚ་དྲོད་དང་དགོད་སྒྲ་ཡོད་ལ།

མོ་ལ་དགུན་ཁའི་རེ་མེད་ཀྱི་རྒྱང་གཟིགས་ཡོད།

 

ལུག་ཁྱུ་དལ་བུར་བཤར།

ཁོ་མོ་ལུག་ཁྱུའི་གསེང་ནས་འགྲེང་སྟེ་

ལྷགས་རླུང་ལ་གཏད་དེ།

གནའ་གླུ་དབྱངས་སུ་འགུགས།

ཁོ་མོ་རྩྭ་རྫོངས་སུ་ལོག་ནས།

སྔོ་བསངས་ཀྱི་ནམ་མཁར་ཁ་གཏད་ནས་

ཕྱིར་དྲན་གྱི་རླུང་བུས་ལུག་ཁྱུ་དང་

མོའ་ིགཞས་དབྱངས་ལ་བྱིལ་བྱིལ་བྱེད།

 

 

 

我们跳进了河里

声嘶力竭,忍辱长出了鳍

黑夜吞没了岸和岸边的树

它们裹挟果实,向河心聚拢

水中央有岛,水中央有光

水中浮游,细若游丝

富集于我们泛白肿胀的腰

我们的手越来越小

脚越来越短,唇齿突出

 

水波瘀黑,黑夜降临

我们的身子一半在水里

一半在岸上观望人间灯火

 

ཉ་མོ།

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

ང་ཚོ་ཆུ་རུ་མཆོངས་ཏེ།

ཤུགས་ཀྱིས་ཨག་སྐད་སྒྲོག

འཕྱ་སྨོད་མྱངས་དྲགས་པས་ད་ནི་རུས་སིག་ཐོགས།

མུན་ནག་གིས་གཙང་འགྲམ་དང་གཙང་འགྲམ་གྱིས་སྡོང་བོ་ཁྱུར་མིད་བཏང་།

ཁོ་ཚོས་ལོ་ཏོག་འཁྱེར་ནས་གཙང་དཀྱིལ་དུ་གཞོགས།

གཙང་དཀྱིལ་དུ་གླིང་ཕྲན་ཡོད་ལ། གཙང་དཀྱིལ་དུ་འོད་ཀོར་ཡོད།

དར་སྐུད་བཞིན་གཙང་བོར་རྐྱལ་ཏེ།

ང་ཚོའི་དཀར་ཞིང་སྦོས་པའི་སྐེད་པར་དཀྲིས།

ང་ཚོའི་ལག་པ་ཇེ་ཆུང་དང་ཇེ་ཐུང་དུ་གྱུར་ལ།

སོ་ཕྲེང་ཡང་ཕྱིར་འབུད་པར་བྱེད།

 

ཆུ་རིས་ནག་པོར་གྱུར་ལ། མཚན་མོ་དུས་ལྟར་སླེབས།

ང་ཚོའི་ལུས་ཀྱི་ཆ་ཤས་ཆུ་རུ་ཐིམ་ལ།

ཆ་ཤས་འགྲམ་ངོགས་ནས་མི་ཡུལ་གྱི་ལྟད་མོར་གཟིགས།

 

 

走失的蒙古马

 

和硕特部落的大草

盖住了城市的夜空

风吹草低

一匹马冲出黑夜

 

在城市的公园

人们围坐在人工草皮上

对着静穆夜空

畅饮马奶酒

 

 

བོར་ཟིན་པའི་སོག་པོའ་ིརྟ་གོད།

 

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

ཧོ་ཧྲོ་ཐུ་ཚོ་བའི་རྩྭ་གཡབ་ཀྱིས།

གྲོང་ཁྱེར་གྱི་མཚན་གཞུང་ཧྲིལ་བོར་སྒྲིབ།

རྩྭ་གསེབ་ཀྱི་རླུང་ངོགས་ནས།

རྟ་རྒོད་ཅིག་གིས་མུན་གཞུང་བརྟོལ་ནས་སླེབས།

 

གྲོང་ཁྱེར་གྱི་སྤྱི་གླིང་དུ།

མི་རྣམས་ཀྱིས་ལྤགས་པའི་སྟེང་བསྐོར་ནས།

ཁུ་སིམ་མའི་མཁའ་དབྱིངས་ལ་གཏད་དེ།

རྒོད་མའི་འོ་ཆང་ལ་རོལ།

 

 

野马尘埃

 

我要吞下它们

漫天的尘土

那些中了毒的舌头

生吞活剥,满嘴污血

从她们手里用力抢夺过来

在她们仰头欲要吞咽下之前

她们是无辜的,我对此了如指掌

我要吃下它们,然后剥下它们的皮

不让她们触碰,因为她们是无辜的

不让她们触碰,因为它们是诱人的

我要亲手剥下它们美丽的皮子,然后

钉于墙上,在风中“与虎谋皮”

 

རྡུལ་འཚུབ་ལང་ལོང་།

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

ངས་ལང་ལོང་གི་རྡུལ་འཚུབ་ཐ་དག་རྔུབ་འདོད་ལ།

དུག་ཕོག་པའི་སྨྲ་ལྕེ་དེ་དག་ཁྱུར་མིད་བཏང་ཞིང།

ཁ་ངོ་ཡོད་ཚད་ཁྲག་གིས་ཁེངས།

ཁོ་ཚོས་སྨྱོ་ཧམ་གྱིས་ཁྱུར་མིད་གཏོང་རག་བར་དུ།

ཡོད་ཚད་ཚུར་འཕྲོག་པར་བྱས།

ངས་གསལ་བར་རྟོགས་པ་ནི། ཁོ་ཚོ་ལ་ཉེས་པ་མེད།

ངས་ཁོ་ཚོ་ཟས་སུ་བྱེད་དེ། དེ་ནས་སྐྱི་མོ་བཤུས།

ཁོ་ཚོ་ལ་ཐུག་པར་མ་བཅུག་པ། ཁོ་ཚོ་ནི་ཉེས་མེད་ཡིན་པས་སོ།།

ཁོ་ཚོ་ལ་ཐུག་པར་མ་བཅུག་པ། ཁོ་ཚོ་ལ་བསླུ་བྲིད་མངའ་བས་སོ།།

ངས་དངོས་སུ་ཁོ་ཚོའི་མཛེས་སྡུག་གི་སྐྱི་ལྤགས་བཤུས་ཏེ་གྱང་ངོས་སུ་བཀལ་རྗེས།

རླུང་ནང་ནས་ངལ་བའི་རྒྱུ་ཞིག་བསགས།

 

 

经验之谈

 

十月怀胎,哇哇啼哭,张嘴要吃奶

他生下来就是一个有经验的娃

而岁月也让他成为一个经验丰富的人

当然,偶尔他也会被人拿来经验经验

他有过躲进人们的阴影下被蒙蔽的经验

后来他试着要把人们的阴影和自己的阴影重叠起来

所以他还算是个善于总结经验的人

他用经验照亮黑压压的人群

对着他们测试谁在说假话讲空话

他有时甚至左手拿着经验右手翻看日记和信函

研究被打乱了的阿拉伯数字

他终因老死,经验归零。如果情况不太糟

这些经验或可为一句话,一本书,一块碑文

留在人间,供后人指指点点:

曾有过这么个人,那些都是他的经验之谈!

 

ཉམས་མྱོང་གླེང་བ།

 

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

ཟླ་བཅུ་ལ་མངལ་དུ་སྦྲུམ། ངུ་ངག་གི་དབྱངས་རྟ་འཐེན།

ཁ་ཆེར་གདངས་ཏེ་འོ་མ་འཐུང་།

ཁོ་སྐྱེས་མ་ཐག་ནས་བྱིས་པ་བསམ་ཤེས་ཤིག་ཡིན་ལ།

ལོ་ཟླས་འགྱུར་བ་ཡིས་ཁོ་རང་མི་ཉམས་མྱོང་ཅན་ཞིག་ཏུ་བཏང་།

ཡིན་ཡང་། སྐབས་འགར་ཁོ་ཡང་མི་ལ་ལའི་གཡོ་ལ་འཚུབ་སྲིད་ཅིང་།

མི་རྣམས་ཀྱི་གཡོ་ཟོལ་ལས་གྱོང་གུན་མྱོང་བའི་ཉམས་མྱོང་ཡང་ཡོད།

རྗེས་མར། ཁོས་མི་རྣམས་ཀྱི་གྱོང་གུན་དང་རང་ཉིད་ཀྱི་གྱོང་གུན་

གཞི་གཅིག་ཏུ་སྡེབ་པར་བྱེད་པས།

ཁོ་ནི་ཉམས་མྱོང་ཕྱོགས་བྱེད་པར་སྤྲོ་བ་ཞིག་ཡིན།

ཁོས་ཉམས་མྱོང་གིས་མི་ཚོགས་ལ་འོད་སྣང་བསྩལ།

ཁོ་ཚོས་བདེན་རྫུན་སྨྲ་བར་བརྟག།

ཁོས་མཚམས་རེར་ལག་གཡས་པར་ཉམས་མྱོང་ཐོགས་པ་དང་ལག་གཡོན་པར་ཉིན་ཐོ་དང་

བསྐུར་ཡིག་བཟུང་སྟེ།

ཉོག་པར་དཀྲུགས་པའི་ཨ་རབ་གྲངས་ཀར་ཞིབ་འཇུག་བྱེད།

ཁོ་འཆི་ངེས་ལ། ཉམས་མྱོང་ཡང་སྟོང་བར་འགྱུར་ངེས།

ལེགས་ཙམ་བྱུང་ན། ཉམས་མྱོང་འདི་དག་ཚིག་ཕྲེང་ཞིག་གམ།

དཔེ་དེབ་ཅིག ཡང་ན་རྡོ་རིང་ཞིག་གི་ཟོལ་གྱིས་མི་ཡུལ་དུ་བཞུགས་ནས།

རྗེས་རབས་པར་འདི་ལྟར་ལབ་ཆོག་སྟེ།

སྔོན་ལ་མི་འདི་འདྲ་ཞིག་སྐྱེས་མྱོང་སྟེ།

འདི་དག་ནི་ཁོང་གི་ཉམས་མྱོང་གསུང་བཏུས་སོ།།

 

 

重生

 

野地里的鹿和飞鸟

趁此暮色,选择远行

我曾试着轻唤她们祖先的名字

宛如神谕

 

བསྐྱར་གསོན།

 

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

ཐང་སྟོང་གི་ཤྭ་བ་དང་བྱེའུ་ཚོགས།

མཚན་གཞུང་ལ་སྐབས་བསྟུན་ནས་རྒྱང་རིང་དུ་ཆས།

ངས་ལྷའི་ལུང་གཏམ་ཇི་བཞིན།

སྐད་དམའ་མོས་ཁོ་ཚོའི་ཡབ་མེས་དག་གི་མཚན་ནས་འབོད་པར་བརྩམས།

 

 

身体的宫殿

 

荒原上,一棵分娩的树,喊疼

她祈求雨水。于是,野风剥开了铅云

猎人躺在阴影下,巨石长出牙齿咀嚼苔藓

高大陆的鹿,低头涉过雪原,趟过大海的浅滩

火把照亮了墓穴,亮如白昼,血淋淋、湿漉漉的手

野牛皮、山羊皮、狼皮,沿着石阶铺到山顶的宫殿

 

གཟུགས་ཀྱི་ཕོ་བྲང་།

 

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

ཐང་སྟོང་དུ། བཙས་མ་ཐག་པའི་ལྗོན་ཕྲུག་ཅིག་གིས་ངུ་ངུག་འདོན། ཁོ་མོས་ཆར་

ཆུ་འདོད་པའི་རེ་སྨོན་ཞུས།

འཚུབ་རླུང་གིས་སྤྲིན་རིམ་གྱི་རྔམ་ཁ་གཏོར་ཅིང་རྔོན་པ་དག་གྲིབ་གཟུགས་ཀྱི་

འོག་ཏུ་གན་རྐྱལ་ཉལ།

ཕ་བོང་ལ་མཆེ་བ་ཐོགས་ཏེ་སྔོ་རྩྭ་དང་ཤ་སྐྱུགས་ལྡད་བྱེད།

མགོ་བོ་དུད་དེ་གངས་ཀྱི་ཐང་ཆེན་བསྙེག

རྒྱ་མཚོ་ཆེན་པོའ་ིགཏིང་མཐའ་བརྒལ།

མེ་འོད་ཀྱིས་དུར་ཐང་གསལ་བར་བྱས།

དཀར་གསལ་གསལ། ཁྲག་ཐིག་ཤམ་ཤམ།ཁྲག་ཁུ་ཙར་ཙིར་གྱི་ལག་པ།

འབྲོང་རྒོད་ཀྱི་ཀོ་བ། ར་ལུག་གི་པགས་པ། སྤྱང་པགས།

འདི་དག་རྡོ་ཐེམ་ལ་བརྒྱུས་ཏེ་རི་རྩེའི་ཕོ་བྲང་དུ་ནུབ་པར་གྱུར།

 

 

夜的歌谣

 

歌谣,兀自绽放在城市半空

惊扰了一群夜虫。而这是一首

绝望的吟唱,声色凄绝,足以杀人

 

我的爱人,赤脚踏过露水

拥抱晚风,在月光下诵诗

 

མཚན་གྱི་གླུ་གཞས།

 

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

གླུ་གཞས། ཁེར་ཧྲེང་གིས་མཁའ་དབྱིངས་སུ་མཆེད་ལ།

འབུ་སྲིན་ཁྱུ་ཞིག་གཉིད་ལས་དཀྲོགས།

འོན་ཏེ་འདི་ནི་མི་སེམས་སྨྲེང་བའི་སྐྱོ་གླུ་ཞིག་སྟེ།

གདངས་ལ་སྡུག་གིས་བསྟུམས་ཤིང་། དབུགས་ཀྱང་འབྱིན་དཀའ་བར་བྱེད།

 

ངའི་སྙིང་ཉེ་ལགས། རྐང་རྗེན་ངང་ཆུ་ལ་བརྒལ་ཏེ།

རླུང་ལ་ངམ་གྱིས་འཆང་ཞིང་།

ཟླ་འོད་འོག་ཏུ་སྙན་ཚིག་གྱེར་བཞིན་ཡོད།

 

 

刀落草丛

 

杀一个人,先要爱上她

并且让她深信不疑

她会念念不忘、念念不忘

 

当我们紧紧地拥抱,我会拔出紧绷的刀子,直到它掉到草里

 

གྲི་ཆུང་རྩྭ་གསེབ་ཏུ་ལྷུང་།

 

 

             ཀརྨ་ཚེ་རིང་གིས་བསྒྱུར།

 

མི་ཞིག་གསོད་འདོད་ན། ཐོག་མར་ཁོ་ལ་དགའ་དགོས་ཤིང་།

ཁོ་ལ་ཡིད་ཆེས་བརྟན་དུ་འཇུག་དགོས།

དེ་ལྟར་ཁོས་རྟག་ཏུ་དྲན་ངེས། རྟག་ཏུ་དྲན་ངེས།

 

ནམ་ཞིག་ངེད་གཉིས་དམ་པོར་འཁྱུད་དུས།

ངས་དམ་དུ་འཆིང་བའི་གྲི་ཆུང་དེ་ཕྱིང་ནས།

གྲི་ཆུང་རྩྭ་གསེབ་ཏུ་ལྷུང་རག་བར་དུ་འཁྱུད་ངེས།

 

选自《身体的宫殿》(藏族青年优秀诗人作品集),四川民族出版社

        德乾恒美(Dechen pakme),男,70后,青海卓仓人。高中始写作诗歌,作品散见于《十月》《诗建设》《先锋诗》《诗选刊》《诗潮》《民族文学》《西藏文学》《青海湖》《中西诗歌》《江南时报》《联合文学》(台湾)等杂志。诗作入选《2008—2009中国诗歌双年巡礼》《1991年以来的中国诗歌》《给孩子们的诗》《新世纪诗典》《新时期中国少数民族文学作品选集•藏族卷》《2014中国新诗排行榜》《2015中国诗歌年选》等诗歌选本。现居西宁,闲来涂鸦,把玩吉他,偶得诗章。

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས། རྩོམ་པ་པོ་བདེ་ཆེན་དཔག་མེད་ནི་དུས་རབས་༧༠པར་སྐྱེ།ཕ་ཡུལ་ནི་མཚོ་སྔོན་གྲོ་ཚང་གི་ཡིན།མཐོ་འབྲིང་ནས་སྙན་ངག་འབྲི་བའི་མགོ་བརྩམས་ཤིང་།སྔ་གཞུག་ཏུ་དུས་དེབ་《ཟླ་བཅུ་བ》དང་།《སྙན་ངག་གསར་བསྐྲུན》《སྔོན་ཐོན་གྱི་སྙན་ངག》《 སྙན་ངག་གི་རླབས་རྒྱུན》《མི་རིགས་རྩོམ་རིག》《བོད་ལྗོངས་རྩོམ་རིག》《མཚོ་སྔོན་པོ》《ཀྲུང་ནུབ་སྙན་ངག》《 ལྷོ་རྒྱུད་དུས་བབ》ཐེ་ཝན་གྱི་《མཉམ་འབྲེལ་རྩོམ་རིག》བཅས་ཀྱི་སྟེང་ལ་སྙན་རྩོམ་མང་པོ་བཀོད་ལ། བརྩམས་ཆོས་རེ་འགའ་《2008—2009ལོའི་ཀྲུང་གོའི་སྙན་ངག་གི་ལོ་ཟླའི་གནས་སྐོར》དང་།《1991ལོའི་རྗེས་ཀྱི་ཀྲུང་གོའི་སྙན་ངག》《གཅེས་ཕྲུག་ཚོ་ལ་ཕུལ་བའི་སྙན་ངག》《དུས་རབས་གསར་པའི་སྙན་ཚོམ》《དུས་རབས་གསར་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་བརྩམས་ཆོས་བདམས་བཀོད་ལས་བོད་ཀྱི་སྙན་རྩོམ》དང་།《2014ལོའི་ཀྲུང་གོའི་སྙན་ངག་ཨང་རིམ》《2015ལོའི་སྙན་ངག་བདམས་བཀོད》སོགས་སུ་བདམས་བཀོད་བྱས་ཡོད། ད་ལྟ་ཟི་ལིང་ན་བཞུགས།