酥油灯

 

我曾用长明的酥油灯

照料一群走神的日子

 

一束光 一束微弱的光

具象地留存于诸事的罅隙中

在最黑暗的时刻 光耀照人

如此被需要 始料未及

 

心是一口井 深不可测

若擎一枚灯芯 它必长明不熄

微弱的撼动 摇曳在今生后世

 

我说  它是我灵魂的宿主

是我紧随其后的肃穆

于是 光明的触须伸向了眼窝

照亮了大把的阳光

我腐熟的身语意

在慈荫中跋涉再跋涉

 

མཆོད་མེ།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ངས་དེ་སྔ་མར་མེ་ཚེ་འབར་གྱིས།

ལེ་ལོ་དང་སྒྱིད་ལུག་གི་འཚོ་བར་བདག་སྐྱོང་བྱས།

 

འོད་ཟ་ཟི་ཞིག

ལས་དོན་སྣ་ཚོགས་ཀྱི་བར་གསེང་དུ་ཉར་ཏེ།

སྨག་རུམ་ཤིན་ཏུ་སྟུག་དུས། འོད་ཟེར་སྤྲོ་རུ་བཅུག

དེ་ལྟ་བུའི་དགོས་མཁོ་ཞིག་ག་དུས་འབྱུང་སྲིད་པ།

གཏན་ནས་དྲན་མ་མྱོང་།

 

སེམས་པ་ནི་དོང་ཆུ་ཞིག་དང་འདྲ་སྟེ།

དེ་ཡི་ཟབ་ཚད་གཞལ་ཐབས་བྲལ།

སྡོང་རས་རྐང་གཅིག་མེར་བསྒྲོན་ཏེ།

གཏན་དུ་གཟིམས་པ་མེད་པར།

འདི་ཕྱིའི་མཚམས་སུ་ཡམ་ཡོམ་འགུལ།

 

ངས་དེ་ནི་བདག་གི་རྣམ་ཤེས་ཀྱི་བདག་པོ་དང་།

སྔ་རྗེས་ཕྱི་འབྲངས་ཀྱི་བརྗིད་རྔམ་ཡིན་ཞེས་བཤད།

དེ་ནས་བཟུང་། འོད་སྣང་གི་སྨྲ་ར་མིག་ཀོང་དུ་འཐེན་ཞིང་།

ཉིད་འོད་མང་པོ་གསལ་ལེར་བཏང་།

ངའི་བསྙལ་རུལ་དུ་གྱུར་པའི་ལུས་ངག་ཡིད་གསུམ།

འགེབ་སྲུང་ཁྲོད་དཀའ་ཚེགས་ཀྱིས་བསྐྱོད།

 

 

醒着

 

我需要一双能洞穿黑色的眼睛

戳破沉重的瞬间爆出脆裂的声响

像心尖上的一片羽毛

安住在落满鲜花的草原

掬一捧草露

浣洗蒙尘的心魄

 

努力醒着

观雅落草根的云朵

听远处的步履轻轻巧巧

牛羊啃噬第一片青草的刹那

你已来到 笑靥似梦

犹如前世的恋人

 

སད།

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ང་ལ་མུན་ནག་གི་རྔམ་ཁ་བརྟོལ་བའི་མིག་ཟུང་ཞིག་དགོས་ཏེ།

ལྗིད་ཏིག་གེའི་སྐད་ཅིག་མ་དབྲལ་ཏེ་འགས་སྒྲ་ལྡིར་ལྡིར་དུ་བསྒྲག་འདོད།

སེམས་ཁར་བབས་པའི་གཤོག་པ་ལེབ་མོ་ཞིག་དང་འདྲ་བར།

མེ་ཏོག་གིས་བཞད་པའི་རྩྭ་ཐང་དུ་བསྡད་ཅིང་།

ཟིལ་བ་ཐོགས་པའི་རྩྭ་ལྗང་སྤར་གང་བཟུང་ནས།

རྡུལ་འཚུབ་ཀྱི་གཡོགས་པའི་རྣམ་ཤེས་གཙང་བཀྲུ་བྱ་འདོད།

 

ཧུར་ཐག་གིས་སད་དེ།

རྩྭ་འདབས་སུ་འཐོར་བའི་སྤྲིན་པར་བལྟས་ཤིང་།

རྒྱང་རིང་གི་གོམ་སྒྲ་ཡང་ཟོར་གྱིས་སྤོ་བར་ཉན།

ནོར་ལུག་གིས་སྔོ་མ་འཐོག་པའི་སྐད་ཅིག་མ་དེར།

ཁྱེད་རང་སླེབས་བྱུང་། འཛུམ་མདངས་ནི་རྨི་ལམ་བཞིན།

སྐྱེ་བ་སྔོན་མའི་མཛའ་གྲོགས་དང་མཚུངས་ཨང་།

 

 

荒芜

 

疼痛降临

就连呼吸都成为刀刃

在体内拉锯

这种状态持续很久

我只能把头深深埋进羊毛被子

 

一册经卷高挂在夏琼寺的额头

似一盏明灯  摇晃着某个未知

我试图理清焦灼

穿过回肠百转的黄河水

把真言小心翼翼地捧回家

 

谁说不爱人类也要赞美大地

此时有人在古碑残碣中寻找文字

把它们拼凑成明天

拼凑成人们认识的模样

 

严寒中

一枚雪花掳走了秋天

一个今天掳走了远古

把果实赠给冬的荒芜

 

ཐང་རྒོད།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ན་ཟུག་སྐྱེས་དུས།

དབུགས་ཀྱི་འབྱིན་རྔུབ་ཀྱང་གྲིའི་རྣོ་དབལ་བཞིན་ཚ་སྟེ།

ཁོང་དུ་སོག་ལེ་འཐེན་འཐེན་བྱེད།

དེ་ལྟ་བུའི་གནས་བབ་ཡུན་ནས་ཡུན་དུ་བསྐྱངས་པས།

ངས་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་མི་སྡོད་ག་མེད་བྱུང་།

 

ཆོས་དཔེ་ཞིག་བྱ་ཁྱུང་དགོན་པའི་དཔྲལ་བར་དཔྱངས་འདུག

དེ་ནི་མར་མེ་རྐང་གཅིག་དང་འདྲ་བར། འབྱུང་འགྱུར་གྱི་གང་ཞིག་གཡོ་ཞིང་བསྒུལ།

ངས་སེམས་ངལ་ཡོངས་སུ་བསལ་ཞིང་།

ཀྱག་ཀྱོག་ཏུ་འབབ་པའི་རྨ་ཆུ་བརྒྱུད་ནས།

བདེན་དོན་ལག་ཏུ་བསྣམས་ཤིང་གཟབ་གཟབ་ངང་ཁྱིམ་ལ་ལོག

མིའི་རིགས་ལ་དགའ་ཞེན་སྟོང་ཡང་ས་གཞི་ལ་བསྟོད་བསྔགས་དབུལ་དགོས་ཞེས་

 

སུ་ཞིག་གིས་སྨྲ།

སྐབས་དེར། མི་ཞིག་གིས་རྡོ་རིང་གི་གས་ཆག་ཁྲོད་ནས་ཡི་གེ་འཚོལ་ལ།

དེ་དག་རེ་རེ་བཞིན་གཤིབ་ནས་སང་ཉིན་བསྒྲིགས་ཤིང་།

མི་རྣམས་ཀྱིས་ངོས་ཟིན་པའི་དབྱིབས་སུ་བཟོས།

 

གྲང་འཁྱག་ཁྲོད།

ཁ་བ་ལེབ་མོ་ཞིག་གིས་སྟོན་ཁ་བདས་ཤིང་།

དེ་རིང་གིས་གནའ་བོའ་ིདྲན་པ་བསུབ་ཏེ།

སྟོན་འབྲས་དགུན་གྱི་ཐང་རྒོད་ལ་བསྩལ།

 

 

黑暗说

 

我早已不用酒,酿制某些念想

和开出无数星星的夜晚

 

村庄很静,一池湖水

铭记了两条鱼的诺言

像水草蔓延在日子的平坝上

疯狂滋长的触须

洞彻光明的意义

你说,这也可以吟诵吗

 

有时候,我也缄默

文字的羽翼舒展

覆盖了向阳的草坡

我仰面朝天,闭眼

揣度去留的果实

 

走神的人啊,夜暗得太久

黑的密实沦陷了感官

 

黑暗说

“这是光明的前奏

请大声说爱

如同罪人”

 

སྨག་རུམ་གྱིས་བཤད་རྒྱུར།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ངས་སྔ་མོ་ནས་ཨ་རག་གི་མངར་ཁས་དྲན་པ་ཁ་ཤས་དང་།

སྐར་མ་གྲངས་མེད་བཞད་པའི་མཚན་མོ་བསྙལ་མི་འདོད།

 

གྲོང་ཚོ་ལྷིང་ཞིང་འཇགས། མཚེའུ་ཞིག་གིས།

ཉ་མོ་གཉིས་ཀྱི་དམ་བཅའ་ཡིད་ལ་བརྣགས།

ཆུ་རྩྭ་དེ་དག་འཚོ་བའི་རབ་ཁ་ཀུན་ཏུ་ཁྱབ།

འཛིང་ནས་སྐྱེས་པའི་རེག་སྤུས།

འོད་སྣང་གི་དོན་སྙིང་ཡོངས་སུ་རྟོགས།

ཁྱོད་ཀྱིས་དེ་ཡང་གསང་མཐོར་གྱེར་རུང་ངམ་གསུང་།

 

སྐབས་འགར། ང་ཡང་སྨྲ་བ་མེད་པར་གྱུར་འགྲོ།

ཡི་གེའི་གཤོག་པ་མཐར་བཅད་དེ།

ཉིན་གྱི་སྤང་རི་གཡོགས།

ང་ཀན་རྐྱལ་དུ་ལོག་ཅིང་། མིག་ཟུང་ཟིམ་ནས།

སྤང་བླང་གི་འབྲས་བུར་ཚོད་དཔག་བྱས།

 

རྣམ་ཤེས་བོར་བའི་མི་ལགས། མཚན་མོ་སྨག་གིས་བཅིངས་ནས་འགོར་དྲགས་པས།

མུན་ནག་གིས་དབང་བོ་སྦྲིད་པར་བཏང་།

 

སྨག་རུམ་གྱིས་བཤད་རྒྱུར།

“འདི་ནི་འོད་སྣང་གི་སྔོན་འགྲོ་ཡིན།

ཁྱེད་ཀྱིས་བརྩེ་དུངས་ཤུགས་ཀྱིས་སྒྲོགས་རོགས་ཀྱེ།”

དེ་ནི་ཉེས་ཅན་ཞིག་དང་མཚུངས་ཨང་།

 

 

月夜

 

我不去寻觅一枚藏匿在云后的月牙

就算夜空漆黑如墨

也必定会有一块甜美的梦在我枕边落定

我不对月光倾诉一见钟情的痴心

只需掬一桶月的清辉

一捧捎给远方

一捧端进梦里

 

ཟླ་འོད་འོག་གི་མཚན་མོ།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ངས་སྤྲིན་པའི་རྒྱབ་ལོགས་སུ་བསྐུངས་པའི།

ཟླ་བ་ཡར་ངོ་དེ་འཚོལ་མི་འདོད།

ནམ་མཁའ་མུན་པས་ཁེབས་ཀྱང་།

རྨི་ལམ་ཞིམ་པོ་ཞིག་ངའི་སྔས་འགྲམ་དུ་ལྷུང་སྲིད།

ངས་ཟླ་འོད་ལ་མཐོང་མ་ཉིད་ནས།

སེམས་པ་ཤོར་བའི་ཚོར་བ་དེ་མི་བཤད།

ཟླ་འོད་ཀྱི་བསིལ་ཟེར་ཟོ་གང་བཅུས་ཏེ།

སྤར་མོ་གང་རྒྱང་རིང་དུ་བསྐུར་ཞིང་།

སྤར་མོ་གང་རྨི་ལམ་དུ་འཁྱེར།

 

 

转经道上的秘密

 

天地很静 一缕桑烟比清晨醒得更早些

云清浅地漾开一层纱

剩下的星辰 唏嘘着悬在半空

和这条早已被足迹叠加的路

交换了关于桑烟出处的秘密

 

捻动一颗佛珠 总有佛果剥落

我看不见佛 佛静卧云端

 

玛尼经轮缓缓旋转

把今生的重量交付给下一世

心随着靡靡之音安静地铺展

温软如云

 

སྐོར་ལམ་གྱི་གསང་བ།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

གནམ་ས་ལྷིང་ཞིང་འཇགས། བསང་དུད་ལང་ལོང་ཞིག་ཞོགས་པ་ལས་ཀྱང་སྔ་མོར་སད།

སྤྲིན་པ་དཀར་པོ་ནི་དར་གོས་ཡུག་གཅིག་དང་མཚུངས།

སྐར་མ་ཐར་ཐོར་ཞིག་གནམ་གྱི་མཐའ་རུ་དཔྱངས།

རྡོག་པ་མང་པོས་ཆག་ཆག་ཐེབས་པའི་ལམ་འདི་དང་།

བསང་དུད་སྒོར་ཕྱུངས་སའི་གསང་བ་གཉིས་བརྗེ་པོ་བརྒྱབ།

 

ཕྲེང་རྡོག་ཕར་གཅིག་བགྲང་ཚེ།

དགེ་འབྲས་ལྷུང་ཡོང་།

ངས་ལྷ་ནི་མི་མཐོང་སྟེ། ལྷ་ནི་སྤྲིན་པའི་སྟེང་དུ་བཞུགས།

 

མ་ཎི་འཁོར་ལོ་དལ་གྱིས་འཁོར་ནས།

སྐྱེ་བ་འདིའི་ལྗིད་ཚད་ཕྱི་མར་སྤྲད།

སེམས་པ་འདི་མ་ཎིའི་འཁོར་སྒྲ་དང་བསྟུན་ནས་ལྷོད་ལ་བབས་བྱུང་སྟེ།

སྤྲིན་པའི་མཉེན་ལྕུག་དང་འདྲའོ།།

 

 

一粒青稞的去向

 

黑夜总会掀起被角赦免光明

一个饱足的哈欠

足以让黎明破晓

酥油茶惦念着味蕾

还有一粒青稞细腻的舞蹈

 

放下一种生活

习惯被新生事物催眠

如许落定的生活

无形中删简就繁

 

于是

孤独像一颗石头

砸中了我佯装无事的表情

 

ནས་འབྲུ་རྡོག་གཅིག་གི་འགྲོ་ས།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

མཚན་མོས་རྟག་ཏུ་འོད་ཟེར་ལ་གུ་ཡངས་བཏང་ཞིང་།

གླད་སྒྱིངས་ཐེངས་ཤིག་གིས།

ཞོགས་པ་གསལ་སེ་བཏང་།

དཀྲུགས་ཇས་དྲི་ཞིམ་དང་།

ནས་འབྲུ་རྡོག་གཅིག་གི་ཞབས་བྲོ་དྲན་འདུག

 

འཚོ་བ་རོལ་སྟངས་རིགས་ཤིག་བརྗེས་ཚེ།

གོམས་སྲོལ་དག་བྱ་དངོས་གསར་བས་གཉིད་དུ་འཇུག

ཡང་ན་གཏན་འཇགས་ཀྱི་འཚོ་བ།

གཟུགས་མེད་ཁྲོད་ཅི་ཞིག་གིས་ཡོངས་སུ་བསུབས།

 

དེ་ནས་བཟུང་།

ཁེར་རྐྱང་ནི་རྡོ་བ་ཞིག་དང་འདྲ་བར།

ངའི་ཚུལ་འཆོས་ཀྱི་རྣམ་འགྱུར་གཏོར་ཅིང་བཤིག

 

 

大地裂变时诗歌潜入了雪的世界

 

把缺憾的一角留给高地

造物主的挥毫泼墨

显得冷漠无情

 

寒冷和寒冷的冬夜

不以为然的落雪

如何停止传颂

没有墓冢的人家

和洒向低处的一抹乳香

 

突兀崛起 何曾高过它

可以听见天堂的秘密

和云的心事

这是神谕 直抵曼陀罗

加持的血液流经岁月 途中

势必开满红杜鹃

 

裂变 褐面族群的繁衍

已燎原古今 滋养去往的天堂

对每条山河的眷恋

已成亘古的吟唱

 

ས་གཞིར་སེར་ཁ་གས་དུས་སྙན་ངག་ཁ་བའི་འཇིག་རྟེན་དུ་འཐིམ།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

སྟོང་ཆའི་ཟུར་དེ་ས་མཐོར་བསྐྱུར་རོགས།

འཇིག་རྟེན་བྱེད་པོའ་ིཕྱག་བྲིས།

འཁྱག་ཤུར་ཤུར།

 

དགུན་འཁྱག་གི་མཚན་མོར།

ཁ་བ་ཚམ་ཚོམ་མེད་པར་བབས་བྱུང་།

དུར་ས་མེད་པའི་མི་ཚང་དང་།

དམའ་སར་གཏོར་བའི་འོ་ངད་ལ།

བསྔགས་རྗོད་བྱེད་མཚམས་ཇི་ལྟར་འཇོག་ཨང་།

 

བྱ་རྒོད་མཁའ་ལ་ལྡིང་། བྱ་རྒོད་ཀྱི་སྟེང་དུ་སུ་ཞིག་འཕགས་མྱོང་།

བྱ་རྒོད་ཀྱིས་དག་ཞིང་གི་གསང་བ་དང་།

སྤྲིན་པའི་སེམས་དོན་ཡང་ཐོས་སྲིད།

དེ་ནི་ལྷ་ཡི་བཀའ་ལུང་སྟེ། དཀྱིལ་འཁོར་དུ་ཟུག་ཅིང་།

བྱིན་རླབས་ཀྱི་ཁྲག་རྒྱུན་ལོ་ཟླའི་མཚམས་སུ་བཞུར། ལམ་བར་དུ།

སྟག་མའི་མེ་ཏོག་ཁྲ་ལ་མེར་བཞད་ངེས།

 

སྨུག་པོའ་ིགདུང་རྒྱུད་ཀྱི་སྐྱེ་འཕེལ།

གནའ་ནས་ད་བར་བརྒྱུད་དེ། དག་ཞིང་གི་ལམ་ཁ་བསྙོར།

རི་ཀླུང་རེ་རེར་བཅངས་པའི་དྲན་པ།

གནའ་བོའ་ིམགུར་དབྱངས་སུ་གྱུར།

 

 

故乡在远方

 

故乡已坐化于八瓣格桑花中

族人迁徙 把诡谲和悲悯留给了通往外界的马道

我遥远的凝视 只因我是残垣断壁中一颗出走的石子

我必定摒弃所有高傲的元素

把思念定格在额头镶着月亮的牛背上

 

雪线之上 是谁手持牧鞭登高远眺

把一场复归授记于彤云之上

几度梦回 在幽昧的雪夜高擎宝伞等待回归

并将追慕的骏马拴牢在马厩里

 

岁月被时光牵老了

再无人用六弦琴弹拨向晚的回眸

或看流火的艳阳在村落的麦垄间觥筹交错

把日子串成一纵火辣辣的歌声

鹰隼滤细了嗓音 一声嘹唳一个俯冲

獭鼠四散而逃 白海螺吹出了幽冥之声

一匹落单的老狼立在岩崖渴望被猎人追赶

 

古道荒莽 挡不住游云的娇憨

来者说 乡间林木更加苍翠

风一吹 就有一粒遗落的麦穗成熟了

来者说 河水畅流无法停歇

把族人的背影刻在了崖壁上

 

ཕ་ཡུལ་ནི་རྒྱང་རིང་དུ་གནས།

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ཕ་ཡུལ་ནི་སྐལ་བཟང་མེ་ཏོག་འདབ་བརྒྱད་ཀྱི་པང་དུ་བཞུགས།

ཕ་མེས་ཚོ་གནས་སྤར་རྗེས། མཚར་སྣང་དང་གདུང་སེམས།

ཕྱི་རོལ་དང་འབྲེལ་སའི་རྟ་ལམ་ལ་བསྐྱུར།

ངས་རྒྱང་ནས་ཅེ་རེར་ལྟ་དོན། ང་ནི་རྩིག་རུལ་གྱང་རུལ་ཁྲོད་ཡོང་བའི་རྡེའུ་ཞིག་ཡིན།

ངས་ཁེངས་དྲེགས་ཀྱི་རྒྱུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས།

དྲན་གདུང་གི་རི་མོ་དཔྲལ་བར་ཟླ་གོར་ཤན་པའི་གཡག་རྒྱབ་ཏུ་དབབ་འདོད།

 

གངས་ཐིག་གི་ཡང་སྟེང་དུ། སུ་ཡིས་ལག་ཏུ་ལྕག་ཚན་ཐོགས་ཏེ་རྒྱང་གཟིགས་མཛད།

བསྐྱར་ལོག་ཐེངས་ཤིག་མཚམས་སྤྲིན་གྱི་མཐོངས་སུ་བཀོད་དེ།

རྨི་ལམ་ནང་ཐེངས་མང་པོར་ཁ་བའི་མཚན་མོར་གདུགས་དང་རྒྱལ་མཚན་བསྐོར་ནས་

ཕྱིར་ལོག་པར་བསྒུགས་ཤིང་།

ད་དུང་འདོད་སྙེག་གི་ཅང་ཤེས་རྟ་རའི་ནང་དུ་བཏགས།

ལོ་ཟླ་ནི་དུས་ཚོད་ཀྱིས་ཁྲིད་དེ་རྒས་སོང་།

ད་ནི་མཚན་མོར་སྒྲ་སྙན་འབྲུག་མགོ་མ་བརྡུངས་མཁན་དང་།

 

ཡང་ན་རྣང་ཞིང་གི་དབུས་སུ་མེ་ཕུང་བསྒྲོན་ནས།

འཚོ་བ་གླུ་སྐད་ཀྱི་གདངས་ལ་བརྒྱུས་མཁན་ཡོད་མི་སྲིད།

བྱ་གླག་གིས་མགྲིན་པ་བསལ་ཏེ། མགྲིན་སྒྲ་གསང་པོར་བསྒྲགས་ཤིང་།

གཤོག་པ་འབྲབ་ཐེངས་ཤིག་གིས།

ཨ་བྲ་ཕྱོགས་བཞིར་འབྲོས་ཤིང་། ཆོས་དུང་དཀར་མོ་ལས་སྒྲ་དབྱངས་སིབ་སིབ་ཏུ་འབབ་དུས།

ཁེར་རྐྱང་དུ་ལུས་པའི་སྤྱང་རྒན་ཞིག་རི་བྲག་གི་རྩེ་རུ་འགྲེངས་ཏེ།

རི་དྭགས་པར་རང་ཉིད་རྔོན་པར་བསྒུགས།

 

གནའ་ལམ་སྐྱ་ཐིང་ངེར། སྤྲིན་པ་དལ་གྱིས་རྒྱུ་བའི་འཚེར་སྣང་འགོག་མི་ཐུབ།

ནང་ལ་ལོག་མཁན་གྱིས་གྲོང་གསེབ་ཀྱི་ནགས་ཚལ་སྔོ་ཞིང་ལྗང་ལ།

རླུང་ལྡང་བ་ཙམ་གྱིས་ཤུལ་དུ་ལུས་པའི་གྲོ་སྙེ་དེ་སྨིན་པར་འགྱུར་ཟེར།

ནང་ལ་ལོག་མཁན་གྱིས་གཙང་བོ་མཚམས་མེད་དུ་བརྒྱུགས་པས།

མེས་པོའ་ིརྒྱབ་གཟུགས་བྲག་ངོས་སུ་བརྐོས་ཡོད་ཟེར།__

 

 

雅砻河谷

 

日头照进雅砻河谷

光明洞彻 谷地丰腴

母亲说 曾经有座狭长的山

被一刀竖劈 刀口很深

族人的荣耀像只幼虫

在刀口底部成年

那里流淌着一股血

被人们唤作雅鲁藏布江

 

每个夜晚

我需枕着贡布神山

细听江水长流

才能把睡眠安顿得

像个熟睡的孩子

 

ཡར་ཀླུང་ཁོག

 

              པད་མ་དབྱངས་ཅན་གྱིས་བརྩམས།  ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ཉི་འོད་ཀྱི་ཟེར་མ་ཡར་ཀླུང་ཁོག་ཏུ་འཕྲོས།

ཡར་ཀླུང་ཁོག་གི་ས་གཞི་མཛེས་པར་སྤུད།

ཨ་མས་བཤད་ན། དེ་སྔ་རི་བོ་ཕྲ་ལ་རིང་བ་ཞིག་ཡོད་ཅིང་།

དེ་ཉིད་གྲི་ཡིས་གཏུབ་ཅིང་། རྨ་ཁ་ཤིན་ཏུ་ཟབ་ཟེར།

རིགས་ཀྱི་གཟི་བརྗིད། སྲིན་འབུ་ཞིག་དང་འདྲ་བར།

རྨ་ཁའི་གཏིང་དུ་ལོ་མང་འགོར།

དེ་རུ་ཟུངས་ཁྲག་ཞིག་མཆེད་པ་ལ།

ཀུན་གྱིས་ཡར་ཀླུང་གཙང་པོ་ཞེས་འབོད་དོ།།

མཚན་མོ་རེ་རེར།

 

ངས་མགོན་པོ་བྲག་རི་སྔས་ལ་བསྟེན་ནས།

གཙང་བོ་རྒྱང་དུ་བཞུར་བའི་དབྱངས་ལ་ཉན་ཚེ།

ད་གཟོད་གཉིད་ནི་བྱིས་པ་བསམ་མེད་ཅིག་འདྲ་བར།

བདེ་ཞིང་སྐྱིད།

 

选自《滴雨的松石》(藏族青年优秀诗人作品集),四川民族出版社

 

        白玛央金,女,藏族,中国作家协会会员,西藏作家协会会员,鲁迅文学院第十五期少数民族文学创作培训班学员。主要从事诗歌、散文创作和文学作品翻译,作品散见于《民族文学》《安徽文学》《西藏文学》《陕西文学》《西部》《诗歌风赏》《在场散文选刊》等刊物,部分作品入选《新世纪诗选》《中国实力诗人作品选读》《中国诗歌大观》《中国当代诗人代表作名录》《2017中国诗歌年选》等选本。出版有诗歌合集《格桑花开》《诗美山南》等。

        པད་མ་དབྱངས་ཅན།ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གསོ་སྦྱོང་འཛིན་གྲྭའི་སློབ་མ།སྙན་ངག་དང་ལྷུག་རྩོམ་གསར་རྩོམ།ད་དུང་ལོ་ཙཱ་སོགས་ཀྱི་ལས་ཀར་མོས་པ་ཆེ་ལ། སྔ་གཞུག་ཏུ《མི་རིགས་རྩོམ་རིག》དང་།《ཨན་ཧོས་རྩོམ་རིག》《བོད་ཀྱི་རྩོམ་རིག》《ཧྲན་ཞིའི་རྩོམ་རིག》《ནུབ་རྒྱུད》སོགས་ཚགས་དེབ་སྣ་ཚོགས་སྟེང་བརྩམས་ཆོས་མང་པོ་སྤེལ་མྱོང་། དེ་དག་ལས་བརྩམས་ཆོས་ཁག་ཅིག《དུས་རབས་གསར་པའི་སྙན་ངག་བདམས་བཏུས》དང《ཀྲུང་གོའི་དེང་རབས་སྙན་ངག་པའི་འཐུས་ཚབ་བརྩམས་ཆོས་ཀྱི་དཀར་ཆག》སོགས་སུ་བདམས་ཡོད། གཞན་ཡང་སྙན་དེབ《སྐལ་བཟང་མེ་ཏོག་རྣམ་པར་བཀྲ》དང《སྙན་ངག་གིས་བཞད་པའི་ལྷོ་ཁ》སོགས་པར་དུ་བསྐྲུན་ཡོད་དོ།།

        才让扎西,藏族,又名赤桑华,青海贵德人。毕业于西南民族大学。中国作家协会会员,鲁迅文学院第三十三届高研班学员。先后在《民族文学》《文艺报》《章恰尔》等报刊发表小说、诗歌、散文等双语作品。著有散文随笔集《思维之度》,诗歌集《笛声悠悠》,短篇小说集《才让扎西短篇小说集》、《混沌岁月》,长篇小说《残月》,翻译作品《巴黎圣母院》《滴雨的绿松石等。曾获第七届全国当代少数民族文学新人奖、第五届青海青年文学奖、第二届青海省野牦牛原创作品提名奖、第七届青海省文学艺术奖、第三届全国岗坚杯藏语文学奖等多种奖项。